ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཤོངས་དགའ་སྡེ་ཁུལ་གྱིས“བདུན་གཅིག་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་གཉེར་བ་རེད།
ད་ཐེངས་ཀྱི་བྱེད་སྒོས་རྐང་རྩེད་སྤོ་ལོའི་མཛའ་མཐུན་འགྲན་བསྡུར་གཞི་རྟེན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཚན་པ་ཁག་དབར་ཕན་ཚུན་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་དབར་གྱི་འབྲེལ་བ་དང་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། མཛའ་མཐུན་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་མཉམ་འཛུགས་དང་། ནུས་ཤུགས་མཉམ་འདོན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཆེད་རེད། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།