↑ ཟླ་7ཚེས་23ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ(གཤམ་དུ“ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)ཡུན་ནན་ཁུན་མིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱིས“མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་། མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཚོང་དོན་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ། སྐབས་འདིའི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཅུང་ཆེ་བའི་ཐོན་ལས་ཕྱོགས་ཡོངས་ནས་ངོམ་སྟོན་བྱ་རྒྱུ་དང་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་81དང་རྒྱལ་ནང་གི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27གྱིས་འགྲེམས་སྟོན་ནང་ཞུགས་ཡོད།
འདི་ནི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་གཉེར་ཁུལ་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཡིན་པ།