《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月21日

༄༅། །སྙན་ཚིག་དར་དཀར་རིང་མོ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གསུམ་འཁོར་བའི་སྐབས་སུ་བྲིས།

དཔལ་ལྡན་ལྷུན་གྲུབ།

རབ་དཀར་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར། །

ཆུ་འཛིན་དཀར་པོའི་མེ་ཏོག་རྣམ་པར་བཀྲ །

རི་མཐོ་ས་གཙང་ཡུལ་འདིའི་དཔལ་ཡོན་འབུམ། །

འཛམ་གླིང་འཛིན་མའི་ལྟོ་བར་ལྷམ་མེར་བཞད། །

ཡང་དག་རླབས་ཆེན་ཏ

ང་གི་སྲིད་བཟང་གི །

ཡང་དག་དགོངས་པའི་ཕྱོགས་སྟོན་འཁོར་ལོ་ཡིས། །

ཡང་དག་བོད་ལྗོངས་འཛིན་མའི་པང་ཁ་ལ། །

ཡང་དག་དམངས་འཚོའི་བདེ་སྐྱིད་མེ་ཏོག་བཞད། །

ལྷག་དོན་རླབས་ཆེན་གཙོ་འཛིན་ཉིན་བྱེད་འཛུམ། །

འཛུམ་ཕྲེང་གཟི་འོད་བོད་ལྗོ

ངས་ས་མཐོར་འཕྲོས། །

འཕྲོས་པའི་མོད་ལ་དམངས་འཚོའི་མེ་ཏོག་གང་། །

གང་འདོད་མཐུན་འབྱོར་འདབ་ལོ་བསྙིལ་འདི་རྨད། །

དུས་རབས་གསར་པའི་རླབས་

ཆེན་བསྐྱར་དར་གྱི། །

དུས་ཀྱི་ཟླ་བའི་ཞལ་དཀྱིལ་ས་མཐོར་འཛུམ། །

རི་སྔོན་ཆུ་དྭངས་དགོངས་པའི་

སྦྲང་ཆར་ལས། །

གསེར་རི་དངུལ་རིའི་ཟེའུ་འབྲུ་སྨིན་འདི་རྨད། །

བདེ་ཁོད་སྙོམ་པའི་སྣུམ་ནག་གཞུང་ལམ་ནི། །

མི་རིགས་ཕན་ཚུན་འབྲེལ་བའི་གསེར་ཟམ་འདྲ། །

ཕྱི་མཛེས་ནང་སྐྱིད་ཐོག་བརྩེགས་ཁང་བཟང་ནང་། །

དམངས་སེམས་མྱོས་པའི་དགོད་སྒྲ་མཚམས་མི་ཆད། །

ལོ་ཟླའི་ཁུར་གྱིས་ལྗིད་པའི་རྒན་རྒོན་ཚོར། །

སྣ་མང་རོགས་དངུལ་སྤྲོད་པའི་སྲིད་བཟང་ལས། །

ཚེ་མཇུག་དགའ་མགུའི་དཔལ་ལ་རོལ་སྐལ་བྱུང་། །

རླབས་ཆེན་གཙོ་འཛིན་དགོངས་པ་བླ་ན་འཕགས། །

གངས་རིའི་ལྗོངས་སུ་སློབ་གསོའི་ཉིན་བྱེད་ཀྱི། །

འགན་གསུམ་འོད་སྣང་འབར་བའི་གཟི་བྱིན་ལས། །

བྱང་ཚད་པད་མ་བཞད་པའི་ལྡུམ་ར་ཡི། །

རྐང་དྲུ

ག་བུང་བ་གཞོན་ནུ་ཨེ་མ་སྐྱིད། །

འཚོ་བའི་འདྲེན་བྱེད་ཟུམ་པའི་གང་ཟག་ལ། །

ཕྱར་བ་གྲུ་འདེགས་རོགས་རམ་གནང་མཁན་ཡོད། །

དབུལ་སྒྲོལ་ཕྱུག་འགྱུར་སྲིད་བཟང་བཀའ་དྲིན་གྱིས། །

ང་ཚོའི་འབྱོར་འབྲིང་འཚོ་བར་འཇའ་གུར་ཕུབ། །

ཏང་གི་ཡང་དག་དགོངས་པའི་མཁའ་ལམ་ནས། །

བབས་པའི་རྨད་བྱུང་མཛད་ཕྱོགས་ཆར་རྒྱུན་གྱིས། །

གངས་ལྗོངས་འཛིན་མའི་སྟོད་སྨད་བར་གསུམ་ལ

། །

མཐུན་སྒྲིལ་བདེ་སྐྱིད་དཔག་བསམ་ལྗོན་པ་འཁྲུངས། །

ཤར་རིའི་སྤོ་ནས་ཉིན་བྱེད་ཞལ་རས་འཛུམ། །

རླབས་ཆེན་གཙོ་འཛིན་གངས་ལྗོངས་ཡུལ་དུ་བྱོན། །

བྱམས་བརྩེའི་ཐུགས་ཁུར་ཟབ་མོའི་གཟི་བྱིན་གྱིས། །

ས་མཐོའི་སྐྱེ་འགྲོའི་ཚོགས་ལ་དྲོད་ཁོལ་བསྩལ། །