《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月21日

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་དམིགས་ཏེ། ཤུགས་བརྒྱབ་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་བརྟན་པོའི་ངང་ལག་ལེན་བསྟར་བ་དང་། གྲོང་གསེབ་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་སྐྲུན་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་གྲོང་ཚོའི་ཟུར་ཞིག་ཡིན་པ།