འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། དངུལ་རྩས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་ཁང་ཁག་གི་ལས་རིགས་དངུལ་རྩའི་སྒྲིག་གཞིའི་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི“ཁེ་ལས་མཁས་ཅན་གྱི་ཁྱིམ་གཞིས”སུ་དངུལ་རྩའི་ཞབས་འདེགས་ཞུ་བར་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་དོན་པས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་དང་དངུལ་རྩའི་ཞབས་ཞུའི་དགོས་མཁོར་ཤེས་རྟོགས་ཟབ་མོ་བྱས་པ་མ་ཟད། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་མ་རྩ་མཉམ་བསྡུ་སོགས་ཀྱི་དངུལ་རྩའི་ཞབས་ཞུའི་གནད་དོན་ལ་ལན་ངང་རྒྱུད་རིང་པོས་བརྒྱབ་ཅིང་། ད་རེས་ཀྱི་བྱེད་སྒོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་དངུལ་རྩའི་ཤེས་བྱའི་དྲིལ་བསྒྲགས་དཔྱད་ཡིག་300ལྷག་ཙམ་སྤྲད་པ་རེད།
བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་དངུལ་ཁང་དང་ཁེ་ལས་ཁག་གཅིག་དབར་ཤེས་བྱའི་བདག་དབང་གི་དངུལ་བུན་སོགས་དངུལ་རྩའི་ཞབས་ཞུའི་འདོད་མོས་ལ་ངོས་འཛིན་གཅིག་མཐུན་བྱུང་བར། སྔོན་རྩིས་བྱས་ན། མ་དངུལ་མཉམ་བསྡུའི་དངུལ་འབོར་སྒོར་ཁྲི་5000ཟིན་བཟོ་ཡོད་པ་དང་ཁེ་ལས་3ལ་ཕན་པ་ཐོབ་རྒྱུ་རེད།