འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རྫོང་ཡོངས་ཀྱི་ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་འགོག་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་སྒྲིག་ལམ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར་འཕྱོངས་རྒྱས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྲོང་བཙན་ལམ་གྱི་ཁྲོམ་གཞུང་གཙོ་བོར“དངུལ་ཁུག་ཡག་པོ་བསྲུངས་ནས་བདེ་སྐྱིད་ཁྱིམ་ཚང་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་ཞིང་འབྲོག་མང་ཚོགས་ལ《ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་ཐག་གཅོད་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་གཙོ་གནད་ཐོག་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་དང་། ས་གནས་ས་ཐོག་ཏུ་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་དང་མང་ཚོགས་ཀྱི་བློ་འདྲིར་ལན་བརྒྱབ་པ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མིག་སྔའི་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་དུས་བབ་གསར་པ་དང་། ཁྱད་ཆོས་གསར་པ། ཉེས་གསོག་བྱེད་ཐབས་སོགས་བརྗོད་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཐུབ་ཚད་མཐོ་རུ་དང་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཆེ་རུ་བཏང་ནས་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཀྱི་བྱེད་སྤྱོད་ལ་རང་རྟོགས་ངང་བཀག་འགོག་ཐུབ་པར་བྱས་པ་རེད།