དབྱར་གཞུང་དུ་རང་ལྗོངས་སུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་འཆར་བས་ཡུལ་སྐོར་བ་མང་པོ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་ཡོང་ནས་སྤྲོ་གསེང་རོལ་རྩེད་ཀྱི་རྫོགས་ལྡན་དུས་ཚིགས་ལོངས་སུ་སྤྱོད་ཀྱི་ཡོད། ཡུལ་སྐོར་བས་བོད་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་བ་དང་ཆབས་ཅིག་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད།
འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཉང་ཆུའི་འགྲམ་གྱི་ལྗོངས་གཟིགས་སྒང་དུ་དྲན་རྟེན་པར་རྒྱག་བཞིན་པ།