《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月16日

རང་ལྗོངས་ཀྱི་དངུལ་ཁང་སྒྲིག་གཞིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་པ།

ཁྱོན་དངུལ་བུན་སྒོར་དུང་ཕྱུར་21.2བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2021ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཤིང་། 2024ལོའི་ཟླ་ལྔ་པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིས་རིམ་བརྩིས་བྱས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུཊ་མཁན་ཁེ་ལས་ཁག་ལ་དངུལ་བུན་སྒོར་དུང་ཕྱུར་21.2བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས“རང་ཡོད་མ་རྩ+དངུལ་ཁང་གི་དངུལ་བུན”གྱི་བྱེད་ཐབས་ལ་བརྟེན་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཟབ་ཞུགས་བྱས་ཡོད་པ་རེད།