《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月14日

གཏམ་དཔེ།

※ འུག་པས་མུན་པ་རུབ་ན་བསམ།

བྱ་ཕོས་ནམ་ལངས་ན་བསམ།

※ ཐུར་ལ་རྦབ་རྡོ་འདྲིལ་འདྲ།

ཐད་ལ་ཐང་དཀར་ལྡིང་འདྲ།

※ ཐོ་རེངས་འགུགས་པའི་སྐར་ཆེན།

ཞོགས་པ་བསུ་བའི་བྱ་ཕོ།

※ བདེན་མེ་ལོང་འདྲ་པོ་ལག་ན་ཡོད།

སེམས་བུམ་པ་འདྲ་པོ་ཁོག་ན་ཡོད།

※ གནམ་ཡར་ལ་འདེགས་པའི་ཤེད་ཡོད།

ས་མར་ལ་གནོན་པའི་ལྗིད་ཡོད།

※ ཕ་ས་མ་མོའི་བྲང་མགོ་འདྲ་འདྲ།

མ་ས་མཛོ་མོའི་འོ་ཞོ་འདྲ་འདྲ།

※ ཕ་ཨ་ཁུ་རྒྱ་དར་དཀར་པོ་རེད།

མ་སྲུ་མོ་གསེར་གཞོང་མར་ཁུ་རེད།

※ ཨ་སྔོན་གནམ་ལ་འདོམ་འཇལ།

དོག་མོ་ས་ལ་མཐོ་འཇལ།

※ གངས་རྒྱུད་མ་ཆད་ཏི་སིའི་རི།

མི་རྒྱུད་མ་ཆད་ཕ་བཟང་བུ།

※ རྐང་ཆུང་གོམ་པ་མ་བརྟན་ན།

མཐོན་པོའི་མགོ་བོ་ས་ལ་བརྡབས།

※ མཐོ་མི་རྟག་ཉི་ཟླ་གཟའ་ཡིས་བཟུང་།

དམའ་མི་རྟག་ཉ་མོ་ལྕགས་ཀྱུས་བཟུང་།

※ བློ་ཕ་ལ་འདྲི་མི་དགོས་པ་དང་།

བྲོ་མ་ལ་སློང་མི་དགོས་པ།

※ ཁྱི་ཉལ་བའི་མགོ་ལ་རྡོ་འཕངས།

མི་རང་བསྡད་མགོ་ལ་གྱོད་བཞག

※ ཚིག་སྙན་པོ་མི་ལ་ཤོད།

གོས་འཇམ་པོ་རང་གིས་གྱོན།