ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཁྲང་ལི་རྫོང་གི་སོ་ནམ་པས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་མཛུབ་ཁྲིད་ཧུར་ཐག་བྱས་ཏེ“མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ”བའམ་ཡང་ན་ཁྱིམ་ཚང་ཞིང་ར་གཉེར་བ་སོགས་ཀྱི་རྣམ་པ་སྤྱད་དེ་ཤིས་ཀྭ་དང་། སེར་ཁམ། རྒུན་འབྲུམ་སོགས་ཁྱད་ལྡན་ཤིང་འབྲས་བཏབ་ནས་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད།
འདི་ནི་ཧོ་པེ་ཞིང་ཆེན་ཁྲང་ལི་རྫོང་ཉི་ཅིང་གྲོང་རྡལ་ཚུའེ་ཅ་ཐུའོ་གྲོང་ཚོའི་ཁྱིམ་ཚང་ཞིང་ར་ཞིག་ཏུ་ཤིས་ཀྭ་འདེབས་མཁན་སོ་ནམ་པས་དྲོད་ཁང་ཆེན་པོའི་ནང་ཆི་ལིན་ཤིས་ཀྭ་འཐུ་བཞིན་པ།