པར①ནི་མེ་ཟོན་དྲིལ་བསྒྲགས་པས་ཞིང་འབྲོག་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པ།
པར②ནི་མེ་ཟོན་དྲིལ་བསྒྲགས་པས་མང་ཚོགས་ལ་མེ་ཟོན་དྲིལ་བསྒྲགས་སྐོར་གྱི་ཡིག་ཆ་སྤྲོད་བཞིན་པ།
པར③ནི“འབྲོག་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱས་ནས་ཁྱིམ་ཚང་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་གོ་སྐབས་སུ་བྱས་ནས། མེ་ཟོན་དྲིལ་བསྒྲགས་ཀྱི“སྐྱོད་པ་དྲུག”(སྡེ་ཁུལ་དང་། སློབ་གྲྭ། ཁེ་ལས། གྲོང་གསེབ། ཁྱིམ་ཚང་། དགོན་སྡེ་བཅས་ལ་སྐྱོད་པ)གི་བྱེད་སྒོའི་ཚ་རླབས་འཕྱུར་བ་བྱས་ཤིང་། འདམ་གཞུང་རྫོང་གནམ་མཚོ་ཡུག་ཁུལ་དུ་བསྐྱོད་དེ“འབྲོག་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱས་ནས། ཁྱིམ་ཚང་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། གྲོང་ཚོ་དང་དུད་ཚང་དུ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པས། ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི“མེ་འགོག་གྱང”སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་རྒྱུ་ཆ་སོགས་500ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་120ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད། གོམ་སྟབས་རྗེས་མར“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས་དྲིལ་བསྒྲགས་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། སྒྲོག་འགྲེལ་དང་། ནང་སྦྱོང་སྒྲིག་འཛུགས། བརྡ་ཁྱབ་སྦྱོར་བ་སོགས་ཀྱི་རྣམ་པ་བརྒྱུད་མེ་ཟོན་དྲིལ་བསྒྲགས“གྲོང་གསེབ་ཏུ་སྤེལ་བའི”བྱེད་སྒོ་སྤེལ་ཏེ། མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི“མཐའ་མའི་འགག་གནད”སེལ་རྒྱུ་ཡིན་པ་རེད།