འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་། ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྱིས་དམངས་སྲིད་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ནས་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་ས་གྲོང་རྡལ་གྱིས“དུད་ཚང་དུ་བསྐྱོད་ནས་བཅར་འདྲི་དང་ཁ་པར་ནས་འབྲེལ་བ་བྱེད་པའི”བྱེད་སྟངས་སྤྱད་དེ། ཡོང་འབབ་དམའ་བའི་མི་འབོར་གྲལ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁྱིམ་ཚང་གི་ཡོང་འབབ་དང་། བུ་ཕྲུག་སློབ་གྲྭར་གཏོང་བ། ལས་ཞུགས། སྨན་པ་བསྟེན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ། འབྲེལ་ཡོད་དམངས་ཕན་སྲིད་ཇུས་འགྲེལ་བཤད་རྒྱག་པ་བཅས་བྱས་ཏེ། ཡོང་འབབ་དམའ་བའི་མི་འབོར་གྲལ་བཤེར་བྱེད་སྐབས་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་དང་། གྲོང་རྡལ་དེ་ཡོངས་སུ་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་དུད་ཚང་6དང་མི་10རང་སོར་བཞག་པ་རེད།