《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月12日

མཚོ་བོད་ཚོགས་པ་ཀུང་སིས་འཇུ་ལག་དང་ལྷ་སར་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་གནས་སྐབས་མང་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པའི་དབྱར་དུས་སྐྱེལ་འདྲེན་གྱི་དགོས་མཁོ་གང་ལེགས་སྐོང་ཆེད། མཚོ་བོད་ཚོགས་པ་ཀུང་སིས་འཇུ་ལག་དང་ལྷ་སའི་ཕྱོགས་སུ་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་གནས་སྐབས་མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

ཟླ་7ཚེས་10ནས་ཟླ་7ཚེས་21ཉིན་བར། ཟི་ལིང་ནས་འཇུ་ལག་བར་དུ་ཤུགས་འགྲེམས་མེ་འཁོར་D9915/6དང་D9913/4གནས་སྐབས་མང་དུ་གཏོང་རྒྱུ་ཡིན་པ་རེད།

2024ལོའི་ཟླ་7ཚེས་10ཉིན་ནས་ཟླ་8ཚེས་10ཉིན་བར། ལྷ་ས་ནས་གོར་མོ་བར་འགྲུལ་སྐྱེལ་མེ་འཁོར་Z9824གནས་སྐབས་མང་དུ་གཏོང་རྒྱུ་དང་། 2024ལོའི་ཟླ་7ཚེས་11ཉིན་ནས་ཟླ་8ཚེས་11ཉིན་བར། གོར་མོ་ནས་ལྷ་སའི་བར་འགྲུལ་སྐྱེལ་མེ་འཁོར་Z9823གནས་སྐབས་མང་དུ་གཏོང་རྒྱུ། ཟི་ལིང་ནས་གོར་མོ་བར་གྱི་མེ་འཁོར་C891/2ཡི་དུས་ཚོད་ལེགས་སྒྲིག་བྱས་སྟབས། འགྲུལ་པ་ཚོས་མེ་འཁོར་C891/2ལ་བསྡད་དེ་གོར་མོ་ནས་མེ་འཁོར་Z9823/4ལ་བརྗེས་རྗེས་བོད་དུ་སྐྱོད་ཆོག་གི་ཡོད།