《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月09日

གསར་དུ་བཟོ་བཅོས་བརྒྱབ་པའི་རང་ལྗོངས་ཀྱི་ཞིང་འབྲོག་པས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་གསལ་རྟོཌ་གཱ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་གསལ་རྟོགས་གཱ》(གཤམ་དུ《གསལ་རྟོགས་གཱ》ཞེས་བསྡུ་རྒྱུ)ཉེ་ཆར“བོད་ལྗོངས་ནོར་སྲིད”ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། དེ་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་52དང་འབྲེལ་བ་ཡོད་པ་དང་། དེའི་ནང་ཐད་ཀའི་ཁ་གསབ་སྲིད་ཇུས་ཁག་28དང་། གཞན་བརྒྱུད་ཁ་གསབ་སྲིད་ཇུས་ཁག་24ཡོད་པ་རེད།

“ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པས(ཞིང་རའི་ལས་བཟོ་ཚུད་པ)ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་བས་ཤེས་རྟོགས་ཐུབ་ཆེད། 2009ལོ་ནས་བཟུང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལོ་ལྟར《གསལ་རྟོགས་གཱ》བཟོ་བཅོས་བརྒྱབ་ནས་ཡོངས་བསྒྲགས་བྱེད་ཀྱི་ཡོད། དེ་སྔོན་གཙོ་བོ་དེབ་ཆུང་གི《གསལ་རྟོགས་གཱ》པར་སྒྲིག་བྱེད་པའི་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་བྱེད་པ་དང་། ཉེ་བའི་ལོ་ཤས་རིང་གཙོ་བོ་སྐད་འཕྲིན་སྤྱི་རྟགས་བརྒྱུད་དྲིལ་བསྒྲགས་ཡོངས་བསྒྲགས་བྱེད་ཀྱི་ཡོད་ཅིང་། འདི་ལོའི་བར་ལོ་16རྒྱུན་འཁྱོངས་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཞིང་ལས་གྲོང་གསེབ་ཁྲུའི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཏུང་ཧའོ་ཏན་གྱིས་བརྗོད་པ་དང་། ཁོང་གིས《གསལ་རྟོགས་གཱ》ནི་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས། གཞི་རིམ་གྱི་ལས་བྱེད་པས་དུས་ཐོག་ཏུ་སྲིད་ཇུས་གསར་ཤོས་སློབ་སྦྱོང་དང་ཁོང་དུ་ཆུད་ཐུབ་པ་མ་ཟད། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས“ཕན་པ་གང་དུ་ཡོད་པ་དང་། ཕན་པ་གང་ནས་ཐོབ་པ”ཤེས་རྟོགས་ཏན་ཏིག་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་ལྟར་ན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ《གསལ་རྟོཌ་གཱ》ཡི་འབྲེལ་ཡོད་སྲིད་ཇུས་བོད་ཡིག་ཏུ་བསྒྱུར་བ་དང་། ཉེ་ཆར་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞིའི《གསལ་རྟོགས་གཱ》ཞིང་འབྲོག་མང་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།