འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གཞི་རིམ་གྱི་སྡེ་ཚོགས་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་ནས་སྡེ་ཚོགས་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ལས་སྒོའི་བྱང་ཚད་བཅས་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་དངུལ་རྩའི་སྡེ་ཚོགས་ལས་དོན་ཨུ་ལྷན་གྱིས་སྡེ་ཚོགས་ལས་བྱེད་པའི་སྡེ་ཚོགས་ལས་དོན་གྱི་རྨང་གཞིའི་ཤེས་བྱའི་གསོ་སྦྱོང་གཉེར་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གི་སྡེ་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བ་གསོ་སྦྱོང་ནང་ཞུགས་པ་རེད།
གསོ་སྦྱོང་དགེ་རྒན་གྱིས་རྩ་འཛུགས་བཀོད་སྒྲིག་དང་། དཔུང་ཁག་འཛུགས་སྐྱོང་། འགན་ནུས་ལས་འགན། གཞི་རྩའི་ལམ་ལུགས་སོགས་ཀྱི་ཐད་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་ཚང་མར་རྒྱུན་སྤྱོད་ཀྱི་སྡེ་ཚོགས་ལས་དོན་གྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱས་པ་མ་ཟད། སྡེ་ཚོགས་རྩ་འཛུགས་ཀྱིས་ལྟེ་བའི་ལས་དོན་ལ་དམིགས་ནས་གསོན་ཤུགས་དམག་གི་ནུས་པ་ཇི་ལྟར་འདོན་སྤེལ་དང་སྨྱན་སྦྱོར་གསར་པ་དང་ཟུང་འབྲེལ་གྱིས་ཇི་ལྟར་བྱས་ཏེ་གཞོན་ནུའི་བསམ་བློར་སྣེ་ཁྲིད་ཡག་པོ་བྱེད་པ་སོགས་ཀྱི་ཞིབ་ཕྲའི་ལས་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད་དོགས་གནད་ལ་ལན་ཡང་བཏབ་པ་རེད།
(བསོད་བདེ་ཆེ་བས་བསྒྱུར)