གནག་སྣུམ་སྐྲ་ལོ་ཐུར་དུ་དཔྱངས། །
ཞལ་རས་ཟླ་བའི་ཐིག་ལེ་རྒྱས། །
མིག་ཟུང་འོད་སྣང་ཕྱོགས་ཀུན་གཡོ། །
བདག་ཡིད་ཚ་གདུང་སེལ་མཛད་མ། །
མཆུ་སྒྲོས་ཨུཏྤལ་འདབ་ལས་སྲབ། །
སོ་དཀར་མུ་ཏིག་བསྟར་བརྒྱུས་འདྲ། །
མཆུ་གཉིས་བིམ་པའི་ཁ་རྒྱན་ལ། །
འོ་ཡི་དངོས་གྲུབ་ལན་བརྒྱར་ཞུ། །
གཟུགས་བཟང་སྙེ་མའི་མགོ་འཕང་མཐོ། །
བྲང་གཞུང་ནུ་འབུར་འཁྲེང་བའི་དཔྱིད། །
རབ་མཛེས་སྐེད་པའི་ཁོར་ཡུག་ཕྲ། །
འདོད་ལྡན་བདག་སེམས་དབང་མེད་འཕྲོག །