རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་ན་ཚོད་མི་འདྲ་བ་དང་། རིམ་པ་མི་འདྲ་བ། རིག་གནས་ཆུ་ཚད་མི་འདྲ་བ་བཅས་ཀྱི་གྲོང་ཚོའི་རྐང་འཛིན་པ་ཁག་གཅིག་2024ལོའི་དུས་ཐེངས་དང་པོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་རེད།