《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月05日

པར་རིས་གསར་འགྱུར།

ལྡུམ་རའི་ཡུལ་ལྗོངས་མཛེས་བཟོ་དང་མེ་ཏོག་རྒྱ་མཚོའི་ཡུལ་ལྗོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ལྡུམ་ར་དོ་དམ་ཨུ་ལྷན་འདེབས་འཛུགས་གཞུང་ལས་ཁང་གི་འཆར་འགོད་གཞིར་བཟུང་། ལས་བཟོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་མེ་ཏོག་གི་མྱུ་གུ་སྤོ་འཛུགས་ལས་དོན་ཧུར་ཐག་སྤེལ་ཏེ། ཡུལ་ལྗོངས་མཛེས་ལ་ལྟ་རིན་ཡོད་པ་ཞིག་བཟོས་ཡོད། ཛ་དྲག་དང་གོ་རིམ་ལྡན་པའི་ལས་ཀ་ཉིན་5བྱས་པ་བརྒྱུད་རིམ་རྩིས་བརྒྱབ་ན་མེ་ཏོག་མྱུ་གུ་རྐང་ཁྲི་8སྤོ་འཛུཊ་བྱས་པའི་ནང་ལུག་མིག་མེ་ཏོག་སོགས་ཚུད་ཡོད་པ་རེད། འདི་ནི་ལས་དོན་པས་མེ་ཏོག་གི་མྱུ་གུ་འཛུཊ་བཞིན་པ།