《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་འགོ་བཙུགས་པ།

ཟླ་7ཚེས་1ཉིན་དུས་ཡུན་ཉིན་62རིང་གི་2024ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་འགོ་བཙུགས་པ་དང་། ཟླ་7ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་8.6སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1387སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།

པར་①ནི་ཅང་སུའུ་ཧོའེ་ཨན་གྱི་བབས་ཚུགས་ཤར་མར་ལྕགས་ལམ་མི་དམངས་ཉེན་རྟོག་པས་གྲོགས་པོ་ཆུང་ཆུང་ཚོ་མེ་འཁོར་ལ་འཛུལ་བར་རོགས་རམ་བྱེད་བཞིན་པ།

པར་②ནི་ཧྲན་ཏུང་གཡན་ཐའེ་བབས་ཚུགས་སུ་འཕྲུལ་ཆས་བཟོ་བཀོད་པ་ཞིག་གིས་མེ་འཁོར་གྱི་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།