ཉེ་ཆར། སྣེ་གདོང་ཆུས་ཡར་སྟོད་ཤང་གིས“ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱིས་བྱིས་པའི་སེམས་ཀྱི་ཞིང་ས་བརླན་པ”དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་སློབ་གྲྭར་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་སྤེལ་སར་སྣེ་གདོང་ཆུས་ཡར་སྟོད་ཤང་གྲི་ནང་གྲོང་ཚོའི་ལྷ་མོ་འཁྲབ་སྟོན་རུ་ཁག་གིས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། དེ་རྗེས་འཁྲབ་སྟོན་པ་དང་བྱིས་པ་ཆུང་ཆུང་ཚོ་ཚོགས་ཆུང་ལ་དབྱེ་ནས་རྡོ་ལེབ་སྟེང་དུ་རི་མོ་མཉམ་དུ་བྲིས་ཡོད། འདི་ནི་ལྷོ་མོ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་དང་བྱིས་པ་ཚོས་རྡོ་ལེབ་སྟེང་དུ་རི་མོ་འབྲི་བཞིན་པ།