《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

སྨན་གླིང་གྲོང་ཁྱེར་གྱིས།

“མཁོ་ཚོང”ཐབས་ལམ་བཏོད་ནས་གྲོང་ ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་ ཞབས་འདེགས་ཞུས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་དུང་དཀར་གྲོང་ཚོའི་དྲོད་ཁང་ནང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ལེགས་པོ་བྱུང་ནས་གྲོང་མི་ཚོ་སྔོ་ཚུལ་འཐུ་བར་བྲེལ་བཞིན་ཡོད། “ད་ཆ་ཉིན་ལྟར་དྲོད་ཁང་དུ་ལས་ཀ་བྱས་ན་ཉིན་གླ་སྒོར་200ལྷག་ཙམ་འདུག་པས་དངོས་གནས་སེམས་པ་སྐྱིད་པོ་འདུག”ཅེས་དུང་དཀར་གྲོང་ཚོའི་གྲོང་མི་དབྱངས་ལགས་ཀྱིས་གསར་འགོད་པར་བཤད།

ཉེ་དུས་སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ཉོ་སྒྲུབ་གྲོས་མཐུན་བཞག་སྟེ། མངགས་ཐོ་ཞིང་ལས་ཀྱི་བྱ་ཐབས་སྤྱད་དེ། མཁོ་ཚོང་ཁང་གི་ཉི་མ་དམར་པོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་སྔོ་ཚལ་ཉིང་ཁྲི་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་བསྐྱལ་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཡོད།

མིག་སྔར། ཉིན་རེར་སྔོ་ཚལ་ཕྱིར་ཚོང་བྱེད་ཚད་རྒྱ་མ་2000ཡས་མས་ཟིན་གྱི་ཡོད།