《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

གཞིས་རྩེ་བུད་མེད་མཉམ་འབྲེལ་ཚོགས་པས།

རྫོང(ཆུས)5ཡི་སྲིད་འཛིན་གྲོང་ཚོར་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོཌ་ཀྱིས་ས་སྐྱ་རྫོང་དང་། རྒྱལ་རྩེ་རྫོང་། རྣམ་གླིང་རྫོང་། རིན་སྤུངས་རྫོང་། བསམ་གྲུབ་རྩེ་ཆུས་སོགས་རྫོང(ཆུས)5ཡི་ཁོངས་གཏོཌ་ཁུལ་གྱི་སྲིད་འཛིན་གྲོང་ཚོར“བུད་མེད་ཀྱིས་གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ་གཏོང་། མི་རིཌ་མཐུན་སྒྲིལ་གྱི་སྙན་དབྱངས་མཉམ་དུ་རྩོམ”ཞེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་དམིགས་ཏེ། རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་སྒྲོག་འགྲེལ་པ་ཉི་མ་ཕན་ཐོགས་དང་། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དཔལ་འབྱོར། གཞིས་རྩེ་གྲོང་ཁྱེར་པེན་ཁྲོང་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་མིག་དམར་ལྷ་མོ་དང་ཆོས་ལྡན་དབང་ཕྱུག་སོགས་སྒྲོག་འགྲེལ་པ་གདན་དྲངས་ནས་སྒྲོག་འགྲེལ་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ལ་ཡང་དག་པའི“ལྟ་བ་ལྔ”འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་དང་། བུད་མེད་རྣམས་ཀྱིས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་དང་། གནས་ཚུལ་འཕྲད་སྐབས་ཁྲིམས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་བྱས་ཏེ། འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་གཏོད་རྒྱུར་སྐུལ་མ་བཏང་ཡོད།

བྱེད་སྒོ་སྤེལ་རིང་བསྡོམས་སྒྲོག་འགྲེལ་ཐེངས་10བྱས་པས་མང་ཚོགས་880ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། མང་ཚོགས་ལ་སྐད་གཉིས་ཀྱི་དྲིལ་བསྒྲཌ་ལག་དེབ་དང་། འགྱིག་གི་དུང་བན། ཨ་ཅོར། ཇ་ཕོར་སོགས་དྲིལ་བསྒྲགས་དངོས་རྫས་4000ལྷག་ཙམ་སྤྲད་ཡོད།