《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ།

↑འདི་ནི་ཞོ་བ་ཐང་གྲོང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པ།

← འདི་ནི་ཞོ་བ་ཐང་གྲོང་ཚོས་ས་ཞིང་བརྒྱུད་ཤུག་གི་མ་དངུལ་སྤྲོད་པའི་མཛད་སྒོ་འཚོག་པ།

→ འདི་ནི་ཞོ་བ་ཐང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་འཚམས་འདྲི་བྱེད་པ།

2023ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྔུལ་ཤོད་ཤང་ཞོ་བ་ཐང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པའི་རོགས་སྐྱོར་འོག་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་རྣམ་པ་གསར་གཏོད་བྱས་ཏེ། དམངས་ཕན་དམངས་རོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྲ་ཞིང་བརྟན་པའི་འཐབ་འཛིང་གི་བཙན་རྫོང་སྐྲུན་རིང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།