《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月03日

ཁ་སྦུག་བདེ་ཐང་ཡོང་བར་བྱས་པ།

ཉེ་ཆར། ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་བོད་ལྗོངས་ཡཱ་པོ་ཧྲེ་ཁ་སྦུག་སྨན་ཁང་ཏང་ཀྲི་པུའུ་དང་མཉམ་དུ“ལེགས་སྐྱེས་སྙིང་སྟོབས་དར་སྤེལ་བཏང་ནས་ཁ་སྦུག་བདེ་ཐང་ཡོང་བར་བྱེད”ཅེས་པའི་འོས་འགན་སྨན་བཅོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་གཞོན་ནུ་ལོ་ཆུང་དང་། དར་མ། རྒན་རྒོན་བཅས་ལ་སྨན་རིན་མི་དགོས་པར་བརྟག་དཔྱད་བྱས་པ་མ་ཟད། ནད་པའི་ལོ་ཚད་དང་ཁ་སྦུག་བདེ་ཐང་གི་གནས་ཚུལ་ལ་གཞིགས་ནས་ཁ་སྦུག་གི་འཕྲོད་བསྟེན་དང་། འཚོ་བའི་གོམས་གཤིས། བཟའ་བཅའི་བདེ་འཇགས་སོགས་འཆད་ཁྲིད་བྱས་པ་དང་ཆབས་ཅིག་བརྟག་དཔྱད་བྱེད་པར་ཡོང་མཁན་གྲོང་མིར་སྒོར་190བླུགས་པའི་སོ་འཁྲུའི་གཱ་སྤྲད་པ་རེད། འདི་ནི་སྨན་པས་གྲོང་མིར་བརྟག་དཔྱད་བྱེད་བཞིན་པ།