འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་མཁའ་འགྲུལ་གྱིས་ས་མཐོའི་རང་བཞིན་གྱི་གློ་བར་ཆུ་བསགས་པའི་དོས་དྲག་ནད་ཕོག་པའི་ནད་པ་ཞིག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་ཁྲེང་ཏུར་སྨན་བཅོས་བྱེད་པར་སྐྱེལ་བར་འགན་ལེན་ནུས་ལྡན་བྱས་ཤིང་། འདི་ནི་བོད་ལྗོངས་མཁའ་འགྲུལ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་མཉམ་དུ་འགན་ལེན་ལམ་སྲོལ་བཙུགས་རྗེས་བདེ་བླག་ངང་སྐྱེལ་འདྲེན་བྱས་པའི་འགྲུལ་པ་དང་པོ་དེ་རེད།
བོད་ལྗོངས་མཁའ་འགྲུལ་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ནད་པ་བདེ་བླག་ངང་བསྐྱལ་ཐུབ་པ་དེས་ཕྱོགས་གཉིས་པོའི་མཉམ་འགུལ་ལམ་སྲོལ་གྱི་སྟབས་བདེའི་རང་བཞིན་ར་སྤྲོད་ཐུབ་པ་མ་ཟད། ད་དུང་སླད་ཕྱིན་ལྗོངས་ནང་ཁུལ་གྱི་མྱུར་སྐྱོབ་ནད་པ་འགྲོ་སྐྱོད་དང་འཕྲལ་སྡོམ་སྨན་བཅོས་བརྒྱུད་སྐྱེལ་ལ་འགན་ལེན་བྱེད་པར་ཉམས་མྱོང་ཡག་པོ་བསགས་ཡོད། བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་དྲ་རྒྱའི་ཐོན་ཁུངས་དང་ས་མཐོའི་དམིགས་བསལ་འགྲུལ་པའི་འགྲོ་སྐྱོད་ཞབས་ཞུའི་འགན་ལེན་ལེགས་ཆ་མུ་མཐུད་བཏོན་ནས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བ་དང་། ལྗོངས་ནང་ཁུལ་གྱི་མི་དམངས་ཀྱི་འཕྲལ་སྡོམ་སྨན་བཅོས་མཁའ་འགྲུལ་བརྒྱུད་སྐྱེལ་བགྲོད་ལམ་རྒྱུན་མཐུད་ཤར་གཏོང་བྱེད་པ། ཚེ་སྲོག་མྱུར་སྐྱོབ་ཀྱི“བར་ སྣང་གསེར་ཟམ”ཡག་པོ་སྐྲུན་པ། ལྗོངས་ཕྱི་ནང་གི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་ས་མཐོའི་དམངས་འཚོའི་མཁའ་འགྲུལ་ནུས་ཤུགས་ཡོད་རྒུས་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།