《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年06月28日

ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཧྲེ་རིགས་གྲོང་སྡེ་ཅིང་ཉིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

འཕྲིན་ལན།

ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ།

ཅིང་ཉིང་རྫོང་བཙུགས་ནས་ལོ་40འཁོར་བའི་དུས་འདིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

ལོ་40ཡི་རིང་། ཅིང་ཉིང་རྫོང་ལ་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་འཕེལ་རྒྱས་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་སྟེ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་།

རྒྱང་ལམ་གསར་པར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ཏེ། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གྱིས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཧྲེ་རིགས་གྲོང་སྡེ་ཅིང་ཉིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་།

2024ལོའི་ཟླ་6ཚེས་25ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཅིང་ཉིང་རྫོང་བཙུགས་ནས་ལོ་40འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཅིང་ཉིང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་རེ་བ་ནན་པོ་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་40ཡི་རིང་། ཅིང་ཉིང་རྫོང་ལ་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་འཕེལ་རྒྱས་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་སྟེ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ཏེ། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གྱིས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཧྲེ་རིགས་གྲོང་སྡེ་ཅིང་ཉིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།

1984ལོར་བཙུགས་པའི་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ནི་རྒྱལ་ཡོངས་ཀྱི་ཧྲེ་རིགས་རང་སྐྱོང་རྫོང་གཅིག་པུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་ཅིང་ཉིང་དེ་ཉིད་གཞི་རིམ་ལས་དོན་གྱི་འབྲེལ་བ་བྱེད་སའི་ས་ཚིགས་སུ་བརྩིས་གནང་ཞིང་། ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་རྗེས་ཅིང་ཉིང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཉེ་ཆར། ཅིང་ཉིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། རྫོང་བཙུགས་ནས་ལོ་40ཡི་རིང་དང་། ལྷག་པར་དུ། དུས་རབས་གསར་པའི་ཚུན་དུ་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་ནས། བཀའ་དྲིན་ཡིད་ལ་འཆང་བཞིན་མདུན་སྐྱོད་དང་མི་རིགས་ས་ཁུལ་ཐུན་མོང་འབྱོར་ཕྱུག་ཡོང་བར་བརྩོན་པའི་སྔོན་སྤེལ་དཔེ་སྟོན་བྱེད་པའི་ཆོད་སེམས་མཚོན་པར་ཞུས་ཡོད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)