《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

ཟླ་བའི་ལྷ་མོ་ཨང་དྲུག་པའི་ལོག་ཆས་བདེ་འཇགས་ངང་ས་ངོས་སུ་བབས་པ་དང་འཛམ་གླིང་ཐོག་ཟླ་བ་གོ་ལའི་རྒྱབ་ངོས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་ལེགས་གྲུབ་བྱུང་བ།

ཟླ་6ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་7ལ། ཟླ་བའི་ལྷ་མོ་ཨང་དྲུག་པའི་ལོག་ཆས་ཀྱིས་ཟླ་བ་གོ་ལའི་རྒྱབ་ངོས་ནས་འཁྱེར་ཡོང་བའི་ཟླ་བ་གོ་ལའི་དངོས་དཔེ་ནང་སོག་གི་སི་ཙི་ཝང་ཆིའི་སྔོན་གཏན་འཁེལ་བའི་ས་ཁོངས་སུ་བདེ་འཇགས་ངང་བབས་ཏེ། ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།