《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

ངོ་ཐུག་གདོང་འཕྲད་བྱས་ནས་རྒྱལ་གཅེས་སློབ་གསོ་སྤེལ་བ།

ཉེ་ཆར། གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་དང་། གཞིས་རྩེ་གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་བཅས་ཀྱིས་མཉམ་དུ་བྱེད་སྒོ་སྤེལ་ནས་གཞིས་རྩེར་ཞབས་འདེགས་ཞུ་བཞིན་ཡོད་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་དམག་སྒར་དུ་དམག་དོན་ལུས་རྩལ་མཉམ་སྦྱོང་ལ་ལྟ་བ་དང་དཔུང་སྡེའི་བཟའ་བཏུང་གི་བྲོ་བ་མྱོང་བ་སོགས་བྱས་ནས་དཔུང་སྡེའི་འཚོ་བ་ཉམས་ལེན་དང་རྒྱལ་གཅེས་སློབ་གསོ་དང་ལེན་བྱས་ཏེ་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་དང་། རྒྱལ་གཅེས་ཀྱི་བརྩེ་བ་འཕེལ་བ། རྒྱལ་སྟོབས་ཀྱི་བློ་སྟོབས་ལ་ཞུན་བརྡར་བཅས་བྱས་པ་རེད། འདི་ནི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་དཔུང་སྡེའི་ཉལ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།