《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月27日

མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་སུ་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ལས་འཛོལ་སྔོན་འགོག་གི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་25ཉིན་གནས་ཚུལ་འབྱོར་གསལ། གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་གྱི་བདེ་འཇགས་ཉེན་ཁ་འགོག་ཟོན་དང་ནུས་ལྡན་སེལ་ཆེད། ཉེ་ཆར་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་སུ་བོད་ལྗོངས་ཀྲེང་ཨན་མེ་ཟོན་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་སློབ་སྟོན་པ་ལིའུ་ཡུན་ཕེང་གིས་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་གསོ་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ལ་གཅིག་སྡུད་སློབ་ཚན་འཚོགས་ཤིང་། ཉེ་བའི་ལོ་ཤས་རིང་གི་གློག་སྒུལ་རྐང་འཁོར་གྱི་དཔེ་མཚོན་མེ་སྐྱོན་ལས་འཛོལ་གྱི་བརྙན་ཐུང་བསྟན་པ་དང་། ཉེ་དུས་ཀྱི་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་གནས་ཚུལ་བརྡ་ཁྱབ་བཏང་བ། གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་གྱི་ཉེན་ཁ་དང་། སྔོན་འགོག མེ་གསོད། སྲོག་ཉེན་ལས་གཡོལ་ཐབས་བཅས་ཀྱི་གནད་འགག་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད། མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་ཀྱི་འགན་འཁུར་བས། གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་བཟོས་ཏེ་གློག་སྒུལ་རྐང་འཁོར་བེད་སྤྱོད་དང་། འཇོག་པ། གློག་གསོག་པ། དོ་དམ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐད་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ཚད་ལྡན་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)