《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月26日

རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས།

“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་སློབ་ཁང་ཆེན་མོ”གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་སློབ་ཁང་ཆེན་མོ”ཐེངས་བརྒྱད་པ་གཉེར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཧོང་ཧུའེ་ཡིས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་རིགས་པའི་གཞུང་ལུགས་གསར་གཏོད》ཅེས་པའི་རིག་གཞུང་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པ་དང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(མཉམ་འབྲེལ་ལྷན་ཚོགས)དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཁག སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི་ཁག སྤྱི་ཚོགས་ཚན་རིག་རིགས་ཀྱི་རིག་གཞུང་ཚོགས་པ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་དང་དེ་བཞིན་སྤྱི་ཚོགས་ཚན་རིག་ལ་དགའ་པོ་བྱེད་མཁན་263འཆད་ཁྲིད་ལ་ཞུགས་ཡོད་པ་རེད།

འཆད་ཁྲིད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“རིག་གནས་ལེའུ”ལ་དམ་པོར་དམིགས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ་ཚུལ་དང་། ཚན་རིག་དང་མཐུན་པའི་མ་ལག རིགས་པའི་གཞུང་ལུགས་གསར་གཏོད་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད། ཚོཌ་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས། འཆད་ཁྲིད་ཉན་རྗེས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཤེས་རྟོགས་ཐུབ་ཚད་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། དུས་རབས་གསར་པའི་བོད་ཀྱི་རིག་གནས་ལས་དོན་ཡག་པོ་སྒྲུབ་པ་དང་བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་དང་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་སོང་ཞེས་བཤད།