《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月25日

ཟམ་ཆེན་སྐྲུན་པར་བྲེལ་བ།

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཧུའེ་ཀྲོའུ་ཟམ་ཆེན་འཛུགས་སྐྲུན་རྣམ་གྲངས་ནི་སྣང་རྫོང་གི་རྫོང་གྲོང་འཆར་འགོད་ས་ཁོངས་ཀྱི་དབུས་རྒྱུད་དུ་འཁེལ་ཡོད་པ་དང་། སྣང་རྫོང་གི“གྲོང་ཁྱེར་གཅིག་དང་ཡུག་ཁུལ་བཞིའི”འཕེལ་རྒྱས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་གྲོང་གསར་དང་འོད་ཟེར་ཁུལ་གསར་དང་སྦྲེལ་ཡོད་པ་དང་ཡར་ཀླུང་གཙང་པོ་འཕྲེད་བཅད་བཏང་བས་སྤྱིའི་རིང་ཚད་ལ་སྨི་500ལྷག་ཙམ་ཡོད་པ་རེད། ཟམ་ཆེན་བསྐྲུན་རྗེས་མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་དང་རྫོང་གྲོང་གི་སྤྱིའི་རྣམ་པ་མཛེས་སུ་འགྲོ་རྒྱུ་མ་ཟད། རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལའང་སྐུལ་ཁྲིད་ཐུབ་རྒྱུ་ཡིན་ཞིང་། འདི་ནི་སྐྲུན་བཞིན་པའི་སྣང་རྫོང་ཧུའེ་ཀྲོའུ་ཟམ་ཆེན་ཡིན་པ།