འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི་བོད་རང་སྐྱོང་ལྗོངས་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཁྲེང་ཏུར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་པ་རེད།
ཤིས་ཚིག་ནང་ནན་བཤད་བྱས་དོན། མིག་སྔར། བོད་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ནི་ལོ་ངོ་སྟོང་ཕྲག་རིང་འཕྲད་དཀའ་བ་ཞིག་ཡིན་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་བ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། ལྷག་པར་དུ་དངུལ་རྩ་དང་། ཁྲལ་བསྡུ། མ་དངུལ་བསྡུ་རྒྱུག ཐོན་ལས་སོགས་ཀྱི་ཐད་རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིལ་ཇུས་རབ་དང་རིམ་པ་བཏོན་ཡོད། ཁེ་ལས་མཁས་ཅན་དེ་བས་མང་བ་བོད་དུ་ཡོང་བ་དང་། བོད་དུ་མ་རྩ་འཇོག་པ། བོད་དང་མཉམ་འདྲེས་བཅས་བྱས་ཏེ“མཉམ་ལས་དང་། སྤེལ་རེས། འཕེལ་རྒྱས། གཉིས་ཕན”བཅས་མངོན་འགྱུར་ཡོང་བ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་མཉམ་དུ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད། (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)