《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

བོད་ཕག་གསོས་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་བརྩོན་མོ་རྫོང་གྲོང་ཚོའི་བོད་ཕག་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་2020ལོའི་ཟླ་10པར་བཙུགས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་70བཏང་ཡོད་པ་རེད། གསོ་ཚགས་ར་བའི་རྒྱ་ཁྱོན་མུའུ་50ཟིན་པ་དང་། 2023ལོར་ཡོང་འབབ་སྒོར་ཁྲི་38རག་ཡོད། མང་ཚོགས་ཀྱི་ལས་ཞུགས་ལ་སྔར་བས་སྐུལ་ཁྲིད་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། མཉམ་ལས་ཁང་བཙུགས་པ་ནས་བཟུང་། ས་གནས་དེ་གའི་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱེད་པ་དང་བོད་ཕག་གསོ་ཚགས་ཀྱི་འབྲེལ་ཡོད་རྒྱུན་ཤེས་བསླབས་ནས་ཞིང་འབྲོག་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པར་བྱས་ཡོད།

པར་འདི་གཉིས་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་བརྩོན་མོ་རྫོང་གྲོང་ཚོའི་བོད་ཕག་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གསོས་པའི་བོད་ཕག་ཡིན་པ།