《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

ཆབ་མདོ་གྲོང་ཁྱེར་གྱི་རྨོ་ཞིང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་ལྗོངས་ཕྱིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་རྨོ་ཞིང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པ་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་རེད། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས། རྫོང(ཆུས)ཁག་གི་རྨོ་ཞིང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་རྣམ་གྲངས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་བསྐོས་ལག་རྩལ་པ་སོགས་ཁྱོན་མི་26སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་། དཔེ་མཚོན་གསལ་སྟོན། ས་ཡུལ་དངོས་སུ་ལྟ་སྦྱོང་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་བྱ་རྒྱུ་རེད། ཞིང་ལས་གྲོང་གསེབ་པུའི་ཁོར་ཡུག་སྲུང་སྐྱོང་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་སུའོ་ཡིས་ཞིང་ལས་གྲོང་གསེབ་པུའི་ཞིང་ལས་སྐྱེ་ཁམས་དང་ཐོན་ཁུངས་སྲུང་སྐྱོང་སྤྱི་ཁྱབ་ས་ཚིགས་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་ཞིང་ལས་ས་ཁོངས་དབྱེ་འབྱེད་ཞིབ་འཇུག་སུའོ། ཆིང་ཏའོ་སློབ་ཆེན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་ས་ཆ་བཅོས་སྒྲིག་ལྟེ་གནས། ཧན་ཏན་གྲོང་ཁྱེར་ཞིང་ལས་ཁོར་ཡུག་སྲུང་སྐྱོང་ས་ཚིགས་སོགས་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་ཆབ་མདོ་གྲོང་ཁྱེར་གྱི་སློབ་མ་ཚོར་རྒྱལ་ཁབ་ཀྱི་ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་སྲིད་ཇུས་གསར་ཤོས་དང་། སྦགས་བཙོག་ཤོར་བའི་རྨོ་ཞིང་ཉམས་གསོ་དང་ཞིང་ནང་ལག་རྩལ་བཀོལ་སྤྱོད་ཀྱི་དཔེ་མཚོན་མཉམ་སྤྱོད་སོགས་སློབ་ཁྲིད་བྱེད་པ་དང་འབྲེལ། སྦགས་བཙོག་ཤོར་བའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་པའི་དཔེ་སྟོན་ཁུལ་དང་། ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ། ཞིང་ལས་ཐོན་ཁུངས་ཅན་གྱི་བེད་སྤྱོད་དཔེ་སྟོན་ཁུལ་སོགས་སུ་ས་ཡུལ་དངོས་ཀྱི་ལག་ལེན་སློབ་སྦྱོང་དང་ལྟ་སྐོར་བྱ་རྒྱུའང་ཡིན་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)