《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

ཉེ་ཆར། གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ཨར་ཀ་གྲོང་ཚོས་གྲ་ནང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་མི་གདན་དྲངས་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འགྲིམ་འགྲུལ་ཉེན་རྟོག་པས་བྱིས་པ་དང་ཁྱིམ་བདག་ལ་འགྲིམ་འགྲུལ་མཚོན་རྟགས་དང་། འགྲོ་སྐྱོད། རླངས་འཁོར་ནང་སྡོད་པ་སོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་ཕན་ཚུན་དྲི་བ་བཏོན་ནས་ལན་བརྒྱབ་པ་མ་ཟད། ཕྲུ་གུ་ཚོར་དོམ་ཆུང་གི་རྩེད་ཆས་དང་དཔེ་ཁུག་སོགས་དྲིལ་བསྒྲགས་དངོས་པོ་ཡང་སྤྲད་པ་རེད། འདི་ནི་འགྲིམ་འགྲུལ་ཉེན་རྟོག་པ་དང་ཕྲུ་གུ་ཚོས་ཕན་ཚུན་དྲི་བ་བཏོན་ནས་ལན་རྒྱག་བཞིན་པ།