ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པས་སྤོ་བོ་རྫོང་དུ་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་དང་། འཚོ་བར་དཀའ་ངལ་ཡོད་པའི་ཕ་མ་ཡ་ཆགས་ཀྱི་ཁྱིམ་ཚང་། ཁོར་ཡུག་འཕྲོད་བསྟེན་དང་སྐྱེད་ཚལ་བཟོ་པའི་འཐུས་མི་བཅས་མི་70ལ་ཁྱོན་རིན་ཐང་སྒོར་ཁྲི་2.1ཟིན་པའི་གཅེས་སེམས་སྒམ་སྤྲད་ཅིང་། བྲག་སྐས་ཤང་དུ་འཚོ་བར་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་10ལ་འཚམས་འདྲིའི་དངུལ་སྒོར་1000རེ་སྤྲད་པ་དང་། བྲག་སྐས་ཤང་བུ་བཅོལ་ཁང་ལ་ཁྱོན་རིན་ཐང་སྒོར་6750ཟིན་པའི་དཔེ་ཁུག་དང་ཡིག་ཆས་སོགས་སློབ་སྦྱོང་ཡོ་བྱད་ཆ་ཚང་45ཞལ་འདེབས་བརྒྱབ་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་མི་སྣས་བྲག་སྐས་ཤང་བུ་བཅོལ་ཁང་ལ་སློབ་སྦྱོང་ཡོ་བྱད་སྤྲོད་བཞིན་པ།