《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

དིང་རི་རྫོང་གིས།

“རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས“སྐྱེ་དངོས་སྣ་མང་རང་བཞིན་ནང་ང་ཚོ་མཉམ་དུ་ཞུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་ཀྱིས་སྤེལ་ནས། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།

བྱེད་སྒོའི་ཁྲོད་དིང་རི་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ལས་དོན་མི་སྣས་འཕྲེད་ཡིག་འགེལ་བ་དང་། སྲིད་ཇུས་སྒྲོག་སྦྱང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་འགྲོ་འོང་བྱེད་མཁན་མང་ཚོགས་ལ་རྩྭ་ཐང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད། སྐྱེ་ཁམས་ཉམས་གསོ། རྨོ་ཞིང་སྲུང་སྐྱོང་། ས་གཤིས་གནོད་འཚེ་འགོག་བཅོས། རྨོ་ཞིང་གང་བྱུང་བཟུང་ནས་སྡོད་ཁང་བསྐྲུན་པ་བཅས“གཏན་འགོག་བརྒྱད”སོགས་རང་བྱུང་ཐོན་ཁུངས་དོ་དམ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས། རྒྱ་ཆེའི་མང་ཚོཌ་ལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་ཀར་ཧུར་ཐག་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།