《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

མཚོ་སྣ་གྲོང་ཁྱེར་ལྟེ་བའི་སྨན་ཁང་གིས།

དྲན་པ་གསོ་ཐབས་ཀྱི་མྱུར་སྐྱོབ་ཤེས་ བྱའི་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་མཚོ་སྣ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྣ་གྲོང་ཁྱེར་ལྟེ་བའི་སྨན་ཁང་གིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་གི་སྨན་དོན་མི་སྣ་དང་མཚོ་སྣ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་མཉམ་དུ་དྲན་པ་གསོ་ཐབས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་ཏེ། འབྲེལ་ཡོད་མི་སྣའི་མྱུར་སྐྱོབ་འདུ་ཤེས་སྔར་བས་ཇེ་ཟབ་དང་མྱུར་སྐྱོབ་ཆུ་ཚད་སྔར་བས་ཇེ་ཆེར་བཏང་ཁར། གཞི་རིམ་སྨན་ཁང་གི་མྱུར་སྐྱོབ་ནུས་པ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་དང་སྟབས་བསྟུན་ནུས་པ་ཇེ་ཆེར་བཏང་བ་རེད།

གསོ་སྦྱོང་བྱེད་རིང་། མཚོ་སྣ་གྲོང་ཁྱེར་ལྟེ་བའི་སྨན་ཁང་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་པ་སངས་བདེ་སྐྱིད་ཀྱིས་དེ་གར་ཡོད་པའི་མི་རྣམས་ལ། ནད་པའི་སྙིང་འཕར་མཚམས་དང་དབུགས་རྔུབ་མཚམས་ཆད་པ་དང་། དྲན་པ་གསོ་བའི་རྟགས་མཚན། བཀོལ་སྤྱོད་བྱེད་རིམ། རོགས་སྐྱོབ་བརྒྱུད་རིམ་བཅས་ཁྲོད་ཀྱི་དོ་སྣང་བྱེད་དགོས་རིགས་དང་དྲན་པ་སོས་པའི་རྟགས་མཚན་སོགས་ཀྱི་ཤེས་བྱ་ཇི་ལྟར་དབྱེ་འབྱེད་བྱེད་པའི་སྐོརལ་་སློབ་ཁྲིད་དང་གསལ་སྟོན་ཞིབ་ཕྲ་བྱས་པ་དང་འབྲེལ། CPRའཕེལ་རིམ་གསར་པ་དང་CPRབཀོལ་སྤྱོད་གོ་རིམ་གསར་པ་ལ་གཙོ་གནད་ཐོག་ནན་བཤད་བྱས་པ་རེད།

དེ་རྗེས་མཚོ་སྣ་གྲོང་ཁྱེར་ལྟེ་བའི་སྨན་ཁང་འཕྲལ་བཅོས་ཚན་ཁག་གི་སྨན་པས་མི་རྫུན་མའི་མ་དཔེ་ཞིག་སྤྱད་དེ་ས་གནས་ས་ཐོག་ཏུ་ཡོད་པའི་མི་སྣར་བཀོལ་སྤྱོད་བྱེད་སྟངས་གསལ་སྟོན་བྱས་པ་དང་། བཀོལ་སྤྱོད་ཀྱི་གནད་འགག་དང་བརྒྱུད་རིམ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པ་མ་ཟད། དེ་གར་ཡོད་པའི་མི་སྣར་དྲན་པ་གསོ་ཐབས་སྐོར་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།