འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་དང་མཉམ་དུ“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་དུ་ངལ་རྩོལ་ལ་འབད། ‘ལོ་ལྔ་ཚན་བཅུ་བཞི་པར’བྱས་རྗེས་བཞག་ནས་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་བྱས་པ་དེའི་ནང་ཐང་ག་དང་། འཚེམ་དྲུབ། བོད་ལུགས་རི་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལག་ཤེས་ཚུད་ཡོད་པ་རེད།
འགྲན་བསྡུར་ནང་ལས་རིགས་ཁག་གི་བདམས་ཐོན་པ་37གྱིས་རང་ཉིད་ཀྱི་འཇོན་ཐང་དང“ཁྱད་ནུས”ངོམས་ནས་ལས་སྒོའི་རྩལ་ནུས་ཡག་པོ་དང་བྱང་ཚད་མཐོ་བའི་ལས་རིགས་ཀྱི་ཉམས་འགྱུར་མངོན་པ་མ་ཟད། ད་དུང་མང་ཚོགས་ཀྱི་ལག་རྩལ་སྦྱོང་འདོད་པ་དང་། རྩལ་ནུས་བསྡུར་འདོད་པ། འཇོན་ཐང་ཆེ་རུ་གཏོང་འདོད་པ་བཅས་ཀྱི་ཧུར་སེམས་འཕེལ་བར་ཡང་བྱས་ཡོད། བསམ་གྲུབ་རྩེ་ཆུས་སྤྱི་ཁྱབ་བཟོ་ཚོཌ་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཐོན་ལས་བཟོ་པའི་དཔུང་ཁག་སྒྱུར་བཅོས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཀྱི་འགྲན་བསྡུར་བྱེད་སྒོ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ལ་བརྟེན་ནས་མང་ཚོགས་ཀྱིས་གསར་གཏོད་གསོན་ཤུགས་འདོན་སྤེལ་བྱེད་པར་སྐུལ་ལྕག་ཁྲིད་སྟོན་བྱ་རྒྱུ་དང་། ངལ་རྩོལ་ནི་གཟི་བརྗིད་དང་རྩལ་ནུས་ནི་རྩ་ཆེན་ཡིན་པའི་སྲོལ་བཟང་དར་སྤེལ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།