《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月21日

པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་སུམ་ཅུ་པ་འགོ་ཚུགས་པ། ཟླ་6ཚེས་19ཉིན་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་སུམ་ཅུ་པ་པེ་ཅིང་དུ་འགོ་ཚུགས་པ་རེད། དངོས་མང་སྟོན་ཚོགས་ཀྱིས“ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱིས། མཉམ་ལས་གཉིས་ཁེའི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྒྱལ་ཁབ་དང་ས་ཁུལ་71གི་འགྲེམས་ཚོང་པ་1600འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔེ་དེབ་རིགས་ཁྲི་22དཔེ་དེབ་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པ་རེད། འདི་ནི་དངོས་མང་སྟོན་ཚོགས་གཉེར་ཡུལ་དུ་བཙུགས་པའི་ཀྲུང་གོའི་རྩོམ་པ་པོའི་འགྲེམས་ཁང་ཡིན་པ།