ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་འདེབས་འཛུགས་ལས་རིགས་ཀྱི་གོ་ཆོད་ལག་རྩལ་གསོ་སྦྱོང་བྱས་ཤིང་། “རིགས་པའི་གཞུང་ལུགས་དང་རང་སར་བཀོལ་སྤྱོད་ཟུང་དུ་འབྲེལ་བའི”ཐབས་ལམ་བརྒྱུད། “ནས་འདེབས་འཛུགས་ཀྱི་ལག་རྩལ”དང“སྔོ་ཚལ་ལྗང་པ་ཚན་རིག་དང་མཐུན་པའི་འདེབས་གསོའི་ལག་རྩལ”སོགས་སློབ་ཁྲིད་བྱས་པར་རྫོང་དང་ཤང་གི་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་པ་དང་། ཚན་རྩལ་ཆེད་བསྐོས་ལས་བྱེད་པ། ཞིང་ལས་དང་གྲོང་གསེབ་ཆེད་བསྐོས་ལས་དོན་པ་སོགས་མི་205ལྷག་ཙམ་ཞུགས་ཡོད། འདི་ནི་གསོ་སྦྱོང་ལ་ཞུགས་མཁན་གྱིས་དྲོད་ཁང་ཆེན་པོར་འདེབས་འཛུགས་ལས་ལ་བྲེལ་བཞིན་པ།