《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་ཆེན་སློབ་མའི་གསར་གཏོད་འདེམས་སྒྲུག་འགྲན་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། 2024ལོའི་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོའི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ནང་ཁུལ་འདེམས་སྒྲུག་འགྲན་བསྡུར་བྱས་པ་རེད།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་བསྡུའི་ལས་ཞུགས་མཛུབ་ཁྲིད་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཞེ་ཀྲི་པོ་ཡིས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་འགྲན་བསྡུར་ལ་བརྟེན་ནས་སློབ་གསོར་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་ལས་གཏོད་ལ་སྐུལ་འདེད་བཅས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་གཞན་སྒྱུར་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བས་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་ཕྱིན་ཡོད།

གོམ་སྟབས་རྗེས་མར་འགྲན་བསྡུར་ཆེན་པོ་གོ་སྐབས་སུ་བྱས་ཏེ་སློབ་གླིང་གི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སློབ་ཚན་གྱི་མ་ལག་དང་། སློབ་ཁྲིད་ཀྱི་བྱ་ཐབས། གདེང་འཇོག་གི་ལམ་སྲོལ་བཅས་ལེགས་སུ་བཏང་ནས་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་འཇོན་ཐང་ཆེ་ལ་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས།