《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་གསལ་འགྲེལ་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་2024ལོ་འཁོར་གྱི་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་གསལ་འགྲེལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་བོད་ལྗོངས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས། ཁེ་ལས་ཀྱིས་སྲིད་ཇུས་ཡག་པོ་སྤྱད་དེ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུང་ཞང་གིས། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་སྔར་བས་ཟབ་ཏུ་ཕྱིན་པ་དང་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན་ཞེས་བཤད།