《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月20日

ཆབ་མདོས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་3000ལྷག་ཙམ་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཆབ་མདོ་གྲོང་ཁྱེར་གྱིས“དངུལ་ཁང་དང་ཁེ་ལས་འབྲེལ་མཐུད”ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ད་ཐེངས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་དེ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གཙོ་གཉེར་བྱས་པ་དང་བཟོ་ཚོང་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་དམངས་གཉེར་ཕྲན་ཚེགས་ཁེ་ལས་34སྤེལ་རེས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཟླ་5པའི་ཟླ་མཇུག་བར་ཆབ་མདོས་རིམ་རྩིས་བྱས་ན་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་འབྲེལ་མཐུད་ཚོགས་འདུ་ཁག་6འཚོགས་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་180ལྷག་ཙམ་ལ་ཕན་པ་ཐོབ་པ་དང་ཡིད་རྟོན་དངུལ་བུན་སྒོར་ཁྲི་3041.7རྒྱབ་སྐྱོར་བྱས་ཡོད་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག བཟོ་ཚོང་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གི་ཀུན་ཕན་དངུལ་རྩའི་སྤྱོད་དུད་ཅིང་ལིས་ཚོགས་ཞུགས་ཁེ་ལས་ལ་ཀུན་ཕན་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་རབ་དང་རིམ་པ་འགྲེལ་བཤད་བརྒྱབ་པ་མ་ཟད། ཚོགས་ཞུགས་ཁེ་ལས་ཀྱི་གཉེར་སྐྱོང་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གསེད་བཀྲོལ་དབྱེ་ཞིབ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མ་རྩ་བསྡུ་སྒྲིལ་གྱི་ཐོན་རྫས་ངོ་སྤྲོད་བྱས་ཡོད། བློ་འདྲི་དང་སྤེལ་རེས་བྱེད་རིང་སྤྱོད་དུད་ཅིང་ལིས་ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་དོགས་འདྲིར་ལན་བརྒྱབ་ནས་ཁེ་ལས་ལ་བློ་འདྲིའི་ཞབས་འདེགས་ཞུས་པ་རེད། བཞུགས་མོལ་ཚོགས་འདུ་འཚོགས་རིང་དངུལ་བུན་ཐོག་མ་གཡར་མཁན་ཁེ་ལས་གཉིས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་250.8བཏང་བ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)