འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི“ཕྱོགས་བསྡུས་འཕྲལ་སྡོམ་དང་ཕུག་ལམ་རྡིབས་པའི”ཆེད་དོན་འཕྲལ་སྡོམ་ནང་སྦྱོང་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་གསེར་སྐྱེམས་ལའི་ཕུག་ལམ་གྱི་འཛུལ་སྒོའི་ལས་ཡུལ་དུ་སྤེལ་བ་རེད།
ད་ཐེངས་ཀྱི་ནང་སྦྱོང་རིང་ཕུག་ལམ་རྡིབས་ནས་མི་སྣ་ཕུག་ལམ་ནང་ལུས་པའི་གནས་ཚུལ་ཐོན་ཁུལ་བྱས་ཤིང་། རྣམ་གྲངས་ཕྱོགས་ཀྱིས་འཕྲལ་མྱུར་འབྲེལ་གཏུག་དང་ས་ཁོངས་ཀྱི་འཕྲལ་སྡོམ་ཐོན་ཁུངས་མཐུན་སྦྱོར་གྱིས་རོགས་སྐྱོབ་བྱས་པ་རེད།
རང་སྐྱོང་ལྗོངས་དང་ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་། ཨར་ལས་ནང་ཞུགས་མཁན་ཚན་པའི་མི་སྣ། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་བདེ་དང་། འཕྲལ་སྡོམ། མེ་ཟོན། སྨན་བཅོས་སོགས་སྡེ་ཚན་དང་གཞུང་ལམ་བདག་སྐྱོང་། བོད་ལྗོངས་ཐེན་ཧྲུན་སོགས་ཚན་པ་22ཀྱི་མི་220ལྷག་ཙམ་ནང་སྦྱོང་ལ་ཞུགས་པ་རེད།