《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月19日

ལྷ་ས་སྐུ་མགྲོན་གཙོ་བོའི་གྲོང་ཁྱེར་ངོས་ནས་གདན་ཞུས་ལྟར་ཅང་སུའུ་ཡི་རྙིང་ཁུངས་མིང་ཅན་གྱི་དངོས་མང་སྟོན་ཚོགས་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ནས་16ཉིན་བར་ཀྲུང་གོའི(ཅང་སུའུ)རྙིང་ཁུངས་མིང་ཅན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ནན་ཅིང་དུ་གཉེར་བ་དང་། ལྷ་ས་གྲོང་ཁྱེར་རྙིང་ཁུངས་མིང་ཅན་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ཡིན་པའི་ངོས་ནས་འགྲེམས་སྟོན་ནང་ཞུགས་པ་དང་འབྲེལ། དམིགས་བསལ་འགྲེམས་ཁང་གི་གཟུགས་བརྙན་ཐོག་ནས་ལྷ་སའི་ཁྱད་ལྡན་ཡུལ་ཟོག་འགྲེམས་སྟོན་ཡང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྙིང་ཁུངས་མིང་ཅན་གྱི་དངོས་མང་སྟོན་ཚོགས་ལ་ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་12ཚོགས་སྒྲིག་གིས་འགྲེམས་སྟོན་ལ་ཞུགས་ཡོད་ཅིང་། དེའི་ནང་བོད་སྨན་རིགས་དང་། ནས་ཀྱི་ཐོན་ལས་རིགས། དཀར་ཆུའི་ཐོན་རྫས་རིགས་བཅས་ཚུད་པའི་ཁེ་ལས་3ནི་ལྷ་ས་གྲོང་ཁྱེར་གྱི་རྙིང་ཁུངས་མིང་ཅན་གྱི་ཁེ་ལས་ཁག་དང་པོའི་གྲས་རེད། དེའི་དམིགས་ཡུལ་ནི་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་མིའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་ཆེད་རེད།

ཐེངས་འདིའི་དངོས་མང་སྟོན་ཚོཌ་ཀྱི་དུས་ཡུན་ཉིན་གསུམ་ཡིན་པ་དང་འགྲེམས་སྟོན་གྱི་གཞི་ཁྱོན་ལ་སྨི་ངོས་གྲུ་15000ཟིན་ཡོད། ད་དུང་རྙིང་ཁུངས་མིང་ཅན་གྱི་སློབ་ཚན་ཆུང་ངུ་སོགས་ཀྱི་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། ལྷ་སའི་ཁེ་ལས་ཀྱིས་འགྲེམས་སྟོན་ལ་ཧུར་ཐག་ཞུགས་པ་དང་འབྲེལ། ཧྲའན་ཤིས་དང་ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དབར་འགྲེམས་ཚོང་ཉམས་མྱོང་དང་ཐོན་རྫས་གསར་གཏོད་སོགས་ཀྱི་སྤེལ་རེས་ཀྱང་བྱས་པ་རེད།