རྟེན་འབྲེལ་འཕྲིན་ཡིག
ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བའི་སྐབས་འདིར། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པ་ལས་བྱུང་བ་ཞིག་རེད་ལ། རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཨང་དང་པོའང་རེད། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཚོགས་པ་ཞིག་རེད། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“ཧོང་ཕུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སློབ་གྲོགས་ཕན་ཚུན་འབྲེལ་བ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་ཆེད་འབད་བརྩོན་བྱེད་པ”བཅས་དམིགས་ཡུལ་དུ་བཟུང་སྟེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་ཆབས་ཅིག ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཀྱང་ཕུལ་ཡོད།
རྒྱང་ལམ་གསར་པའི་ཐོག་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་བཙུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། “རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་ཡི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ལེགས་ཆ་འདོན་པ། བློ་རྩ་བརྟན་པོས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ནུས་སེམས་གཅིག་ཏུ་སྒྲིལ་དགོས། སླད་ཕྱིན་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེས་སྔོན་བྱོན་པ་དང་འདས་པོའི་ཐུགས་རེ་མི་བརྗེད་པར་དུས་རབས་ཀྱི་ལས་འགན་ལྗིད་པོ་བློ་གཤོག་ཆེན་པོས་ཕྲག་ཏུ་འཁུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
2024ལོའི་ཟླ་6ཚེས་16ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པ་ལས་བྱུང་བ་ཞིག་རེད་ལ། རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཨང་དང་པོའང་རེད། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཚོགས་པ་ཞིག་རེད། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“ཧོང་ཕུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སློབ་གྲོགས་ཕན་ཚུན་འབྲེལ་བ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་ཆེད་འབད་བརྩོན་བྱེད་པ”བཅས་དམིགས་ཡུལ་དུ་བཟུང་སྟེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་ཆབས་ཅིག ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཀྱང་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་བཙུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། “རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་ཡི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ལེགས་ཆ་འདོན་པ། བློ་རྩ་བརྟན་པོས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ནུས་སེམས་གཅིག་ཏུ་སྒྲིལ་དགོས། སླད་ཕྱིན་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེས་སྔོན་བྱོན་པ་དང་འདས་པོའི་ཐུགས་རེ་མི་བརྗེད་པར་དུས་རབས་ཀྱི་ལས་འགན་ལྗིད་པོ་བློ་གཤོག་ཆེན་པོས་ཕྲག་ཏུ་འཁུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་བཀོད་ཡོད)
ཚེས་17ཉིན་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེ་ཐུགས་ལ་བཅངས་གནང་སྟེ། ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་ལོ་རྒྱུས་ཀྱི་མཛད་རྗེས་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ངོ་བོ་དང་། དམིགས་ཡུལ། ལས་འགན་བཅས་རྒྱས་བཤད་གཏིང་ཟབ་གནང་བ། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་རེ་བ་ནན་པོ་བཏོན་གནང་ནས། དུས་རབས་གསར་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས།
ཝང་ཧུའུ་ཉིང་གིས་གསུངས་དོན། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་རྒྱལ་གཅེས་གསར་བརྗེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ཁོང་ཚོ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། “རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་ཡི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་གཞོལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་གཞོལ་དགོས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ནང་ཧུར་ཐག་ཞུགས་པ། ངོགས་གཉིས་ཀྱི་གཞོན་ནུའི་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཁྲོད་ངོགས་གཉིས་ཀྱི་སྤུན་ཟླ་ཇི་ཙམ་འབྲེལ་འདྲིས་བྱས་པ་དེ་ཙམ་གྱིས་སེམས་ཐག་ཉེ་རུ་འགྲོ་བ་དང་ཇི་ཙམ་སེམས་ཐག་ཉེ་རུ་ཕྱིན་པ་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་འགྲོ་བར་བྱེད་དགོས་ལ། རྒྱལ་ཁབ་དང་མི་རིགས་ཀྱི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བརྟན་སྲུང་མཐའ་གཅིག་ཏུ་བཅས་བྱེད་དགོས། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་ཁ་ཕྱོགས་བརྟན་སྲུང་དང་། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་པ་སྔར་བས་ཆེ་བ་འདོན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་གཅིག་ལྕོགས་ཝང་ཏུང་ཧྥུང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་དང་ཐའེ་དབན་ཧོང་ཕུའུ་སློབ་གྲྭའི་སློབ་གྲོགས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
(སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)