འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རིག་གནས་ཡུལ་སྐོར་ཐིང་། ཚན་རྩལ་ཐིང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བྱང་རྩེ་ཤང་རབ་རྒྱས་གྲོང་ཚོར་སྤེལ་བ་རེད། འགོ་ཚུགས་མཛད་སྒོ་ཚོགས་ཡུལ་དུ་དང་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་སྟོན་དྲིལ་བསྒྲགས་བྱས་པ་དང་། དྲིལ་བསྒྲགས་མཇུག་འགྲིལ་རྗེས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ལས་བྱེད་པ་དང་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། ཚན་རྩལ་ཐིང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་རྩྭ་མདའ་རྫོང་གི་འབྲེལ་ཡོད་ཁ་གཏད་སྡེ་ཚན་ལ་རིག་གནས་བསམ་བཀོད་ཐོན་རྫས་དང་། དཔེ་དེབ། སྨན་སོགས་ཞལ་འདེབས་བརྒྱབ་ཡོད།
དེ་རྗེས་རང་སྐྱོང་ལྗོངས་དང་། མངའ་རིས་ས་ཁུལ། རྩྭ་མདའ་རྫོང་བཅས་ཀྱི་འབྲེལ་ཡོད་ཚན་པ་ལས་གྲུབ་པའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གཤམ་སྤེལ་གསུམ”གྱི་དང་བླངས་ཞབས་ཞུའི་རུ་ཁག་20ལྷག་ཙམ་གྱིས་མང་ཚོགས་ལ་ཚན་རིག་ཁྱབ་གདལ་ཁྱབ་སྤེལ་དང་། སྨན་བཅོས་ནད་དཔྱད། བཅའ་ཁྲིམས་དྲིལ་བསྒྲགས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོས་རིམ་རྩིས་བྱས་ན་མི་ཐེངས་800ལྷག་ཙམ་ལ་སྲིད་ཇུས་བློ་འདྲི་མཁོ་འདོན་བྱས་པ་དང་། མང་ཚོགས་300ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་སྨན་བཅོས་བྱས་པ། སྨན་རྫས་680ལྷག་ཙམ་དང་། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་2300ལྷག་ཙམ། དྲིལ་བསྒྲགས་དངོས་པོ་1800ལྷག་ཙམ་བཅས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཧྲུའུ་ཅི་ལེའོ་ཁེན་གྱིས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་འདུས་རྒྱ་ཁྱབ་བཅས་བྱས་ནས“གཤམ་སྤེལ་གསུམ”གྱི་བྱེད་སྒོ“རྒྱུན་དུ་སྤེལ་བ་དང་། རྒྱུན་དུ་གནས་པ། རྒྱུན་དུ་ཕན་འདོགས་པ”བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ལེགས་ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོ་སྔར་ལས་མང་བ་གཞི་རིམ་དུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་སྟེ་ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ལག་བསྟར། རིམ་བགྲོད་གོང་འཕེལ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས“གཤམ་སྤེལ་གསུམ”གྱི་ལས་ཀ་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།