ཀྲོའུ་ཤུན་ཁྲའོ་ཡིས་པར་བརྒྱབ།
①འདི་ནི་ལས་བཟོ་བས་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ལེན་ཁྲེང་ཁྲོམ་གཞུང་ཐོ་མེ་ཧོ་སྡེ་ཁུལ་གྱི“བཟོ་གྲྭ་ཆུང་ཆུང”དུ་གློག་ཀླད་ཀྱི་ཁུག་མ་དང་སློབ་མའི་དཔེ་ཁུག་ལས་སྣོན་བྱེད་བཞིན་པ།
②འདི་ནི་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐེན་རྫོང་ལུང་ཆོན་ཁྲོམ་གཞུང་གི“བཟོ་གྲྭ་ཆུང་ཆུང”དུ་ཡུལ་མི་ཚོས་ཐོན་རྫས་ལས་སྣོན་བྱེད་བཞིན་པ།
ལི་ཀུའེ་ཞུང་གིས་པར་བརྒྱབ།
③འདི་ནི་ཅང་སུའུ་ཞིང་ཆེན་རུའུ་ཀའོ་གྲོང་ཁྱེར་ཁྲེན་ནན་ཁྲོམ་གཞུང་ཐའོ་ལིན་སྡེ་ཁུལ་དུ་ས་གནས་དེ་གའི་ཡུལ་མིས་ཁོངས་གཏོགས་ཁུལ་གྱི་འཁལ་འཐག“བཟོ་གྲྭ་ཆུང་ཆུང”གི་འཁོར་ཁང་དུ་ཐོན་སྐྱེད་ལ་བྲེལ་བཞིན་པ།
ཞུས་ཧུའེ་ཡིས་པར་བརྒྱབ།
④འདི་ནི་ཧོ་ནན་ཞིང་ཆེན་ནོན་ཕིང་རྫོང་ཁྲང་ཧྲན་ཡུས་གྲོང་རྡལ་གྱི་གྲོང་གསེབ་ཀྱི“བཟོ་གྲྭ་ཆུང་ཆུང”དུ་བཟོ་པ་ཚོས་གྲུའི་དཔེ་དབྱིབས་བཟོ་བཞིན་པ།
⑤འདི་ནི་ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཝེ་ཧྲེ་རྫོང་ཞའོ་ཁྲེང་ཤང་ཁྲེན་ཅཱ་གྲོང་ཚོའི་གཞིས་སྲུང་བུད་མེད་ཚོས་གྲོང་ཚོའི་བཟའ་བཅའ་འཁོར་ཁང་དུ་བག་ལེབ་བཟོ་བཞིན་པ།
ལི་ཤིན་དབྱིས་པར་བརྒྱབ།
⑥ཀྲེ་ཅང་ཞིང་ཆེན་ཧྲེང་ཀྲོའུ་གྲོང་ཁྱེར་ཤ་ཝང་གྲོང་རྡལ་བྱ་སྲེག་པ་གསོ་ཚགས་རྟེན་གཞིར་བྱ་སྲེག་པ་ཁྲི་30ཙམ་གསོས་ཡོད་པ་དང་ལོར་སྒོ་ང་ཏུན་500ཐོན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་ཆིག་སྟོང་ཙམ་ཡོང་གི་ཡོད། འདི་ནི་གྲོང་རྡལ་དེའི་བྱ་སྲེག་པ་གསོ་ཚགས་རྟེན་གཞིར་ལས་བཟོ་བས་སྒོ་ང་བསྡུ་བཞིན་པ།
⑦འདི་ནི་ཧྥུའུ་ཅན་ཞིང་ཆེན་ནན་ཨན་གྲོང་ཁྱེར་ཅིན་ཐའོ་གྲོང་རྡལ་དུ་ལས་བཟོ་བས་འཁལ་འཐག་ཁེ་ལས་སུ་ཕྱིར་གཏོང་སྦ་ལན་ཐོན་སྐྱེད་བྱེད་པ།
ཤེ་ཀུའེ་མིན་གྱིས་པར་བརྒྱབ།
ཉེ་བའི་ལོ་ཤས་རིང། ས་གནས་ཁག་གིས་གྲོང་གསེབ་ཀྱི“བཟོ་གྲྭ་ཆུང་ཆུང”དང“འཁོར་ཁང་ཆུང་ཆུང”ཧུར་ཐག་བཙུགས་ནས་ཕྱི་ནས་ཡོང་བའི་ཁེ་ལས་སམ་ཡང་ན་ཡུལ་དེ་གའི་ཕྱིར་ལས་གཏོད་བྱེད་མཁན་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཉེར་བར་བཀུག་སྟེ་དུད་ཚང་དབུལ་པོ་དང་ལས་ཞུགས་མ་ ཐུབ་པའི་མི་ལ་ལས་གནས་མཁོ་འདོན་གྱིས་གྲོང་མི་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་བྱས་པ་མ་ཟད། “ཡོང་འབབ་གསོག་ཐུབ་པ་དང་། ཞིང་ཁ་འདེབས་ཐུབ་པ། ཁྱིམ་ཚང་ལ་ལྟ་རྟོག་ཐུབ་པ”བཅས་མངོན་འགྱུར་བྱུང་བ་དང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།