《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月16日

༄༅་། གཏམ་དཔེ་རྣ་བའི་བུ་རམ་།

※ སྔ་དྲོ་ཞལ་རས་གངས་ལས་དཀར།

གངས་ལ་ཉི་མ་ཤར་བ་འདྲ།

ཕྱི་དྲོ་ཞལ་རས་རྫ་ལས་ནག

རྫ་ལ་གྲིབ་སོ་ཕོག་པ་འདྲ།

※ ཉི་མ་ཟླ་བ་སྐོར་རེས་དང་།

ཕ་མ་བུ་ཚ་སྐྱོང་རེས།

※ གཡག་གིས་ཆུ་འཐུང་མ་འདོད་ན།

གཉའ་ནས་མནན་པས་ཅི་ལ་ཕན།

※ ལྟ་བ་རི་ལས་མཐོ་བ།

མཇིང་པ་གཡག་ལས་སྦོམ་པ།

※ མི་ངན་བཏུལ་མཁན་ཁྲིམས་དང་།

རྟ་རྒོད་བཏུལ་ས་བྲག་ཡིན།

※ འགྲོ་བར་ཝ་མོ་མཁས་ཀྱང་།

སྡོད་པར་རི་བོང་མཁས།

※ སྟག་ཤ་རའི་ཁོག་ལ་ཚིག་ཆུད་དགོས།

སྨན་བུ་མོའི་ཁོག་ལ་བུ་ཆུད་དགོས།

※ བརྩེ་དུང་སྟོང་སྐུད་ཀྱི་མདུད་པ།

སེམས་མཐུན་དར་དཀར་གྱི་ཡོལ་བ།

※ ཡ་རབས་ཚིག་ལ་འགྱུར་བ་མེད།

ཤང་ཤང་རྒྱུག་ཆུར་རུལ་རྒྱུ་མེད།

※ ཉལ་ཚོད་རང་གིས་མ་ཟིན་ན།

གཏི་མུག་གཉིད་ལ་དྭངས་དུས་མེད།

※ ཁལ་བཀལ་ན་ཆེ་ཆུང་མེད།

སྲང་འཇལ་ན་ལྕི་ཡང་མེད།

※ ཐག་ཉེ་མིག་གིས་མ་རིག་ཀྱང་།

ཐག་རིང་རྣ་བས་གོ་ཚོད་ཡོད།

※ རང་ཁ་གསེར་གྱི་སྒོ་མོ།

རང་སྲོག་གཅོད་པའི་སྟ་རེ།